情歌 作词 : 东日慕塔 作曲 : 才姆措 མཛའ་གཞས། ཚིག། ལྡོང་རུ་རྨུ་ཐག དབྱངས། ཚེ་མོ་མཚོ། ལེན་མཁན། དཔལ་མགོན་ཐར། ཚེ་མོ་མཚོ། ~࿄࿄࿄~ བུ་མོ་ལ་གཤིས་ཡག་འཛུམ་ཡག ནམ་མཁའི་ལ་ལྷ་མོ་འདྲ་སོང་། སྭོ་ཡ་ལ། ནམ་མཁའི་ལ་ལྷ་མོ་འདྲ་སོང་། བརྩེ་སེམས་ལ་དར་སྐུད་མཐུན་ན། དར་གྱི་ལ་མདུད་པ་རྒྱག་འདོད། བསྭོ་ཡ་ལ། དར་གྱི་ལ་མདུད་པ་རྒྱག་འདོད། བརྩེ་སེམས་ལ་རྟག་བརྟན་མེད་ན། དགའ་རབས་ལ་དུང་རབས་མ་གླེང་། བརྩེ་དུང་ལ་རྫུན་མ་ཞིག་གིས། གཏན་གྲོགས་ལ་ཉན་ས་མ་རེད། བསྭོ་ཡ་ལ། གཏན་གྲོགས་ལ་ཉན་ས་མ་རེད། ~࿄࿄࿄~ དགའ་བའི་ལ་སྙིང་གཏམ་འདི་ལ། རྫུན་མའི་ལ་སླད་ཅིག་འདྲེས་མེད། བསྭོ་ཡ་ལ། རྫུན་མའི་ལ་སླད་ཅིག་འདྲེས་མེད། བརྩེ་བ་ལ་བྲག་གི་ཆ་ཡིན། དུང་བ་ལ་འོ་མའི་མཚོ་ཡིན། བསྭོ་ཡ་ལ། དུང་བ་ལ་འོ་མའི་མཚོ་ཡིན། བཤད་པའི་ལ་སྙིང་གཏམ་བདེན་ན། སྙིང་གི་ལ་དཀྱིལ་ལ་བླངས་ཆོག མི་ཚེ་ལ་མ་ཟད་བར་དུ། གཏན་གྱི་ལ་འདུན་མ་བྱས་ཆོག གཏན་གྱི་ལ་འདུན་མ་བྱས་ཆོག བཤད་པའི་ལ་སྙིང་གཏམ་བདེན་ན། སྙིང་གི་ལ་དཀྱིལ་ལ་བླངས་ཆོག མི་ཚེ་ལ་མ་ཟད་བར་དུ། གཏན་གྱི་ལ་འདུན་མ་བྱས་ཆོག གཏན་གྱི་ལ་འདུན་མ་བྱས་ཆོག