祖先拉纳木 作词 : 罗布桑珠 作曲 : 罗布桑珠 ༺ མེས་པོ་ལ་ན་མོ། ༻ ཚིག་གདངས་གཞས། ནོར་བུ་བསམ་གྲུབ། སུ་ཡིས་དྲན་བསམ། ང་ཚོའི་མེས་པོ་ལགས། མེས་པོ་རྣམས་ཀྱི་མཛད་རྗེས་དེ་དག་དྲན་བསམ། སུ་ཡིས་ང་ཡི་གླུ་དེ་གསན་ཡོང་ངམ། ང་ཡི་རླབས་ཆེན་མེས་པོའི་བྱ་བཞག རྩྭ་ཐང་སྟེང་གི་རྟ་ཕོའི་འཚེར་སྒྲ། གངས་རིའི་སྟེང་གི་གངས་ལྷ་མེ་ཏོག འདི་ནི་ཁྱེད་ཀྱི་སྙིང་སྟོབས་ཡིན། རླབས་ཆེན་མེས་པོ་ཁྱེད་རྣམས་ནི། གངས་ཅན་གདོང་དམར་བའི་དྲིན་ཆེན་ཡིན་ལ། ཁྱེད་རྣམས་པའི་འོད་སྟེང་འབར་བའི་སྙིང་སྟོབས་དེ་དག ང་ཚོ་གངས་རིའི་འདབས་དེ་ན་འཚོ་གནས་བྱེད་བཞིན་ཡོད་པའི། མི་རྣམས་ཀྱི་མི་རབས་ནས་མི་རབས་བར་དུ། གླུ་དབྱངས་ཐོག་ནས་གཏོང་བཞིན་ཡོད་ལ། སྒྲུང་གཏམ་ཐོག་ནས་ཤོད་བཞིན་ཡོད། དེས་མ་ཚད་མི་རིགས་འདི་ལ་ལྡན་པའི་བྱང་ཆུབ་ཀྱི་སེམས་པ་དེ། ཁྱེད་རྣམས་ཀྱིས་གནང་བའི་གཤིས་བཟང་ཡིན། ཨེ་མ། ང་ཡི་རླབས་ཆེན་མེས་པོའི་ཕྱོགས་སུ་ཕྱག་འཚལ་ལོ། ཨོའོ་་་་་ མེས་པོ་རྣམས་ཀྱི་གནང་བའི་ཤུལ་བཞག་རྣམས། མ་བརྗེད་མ་འདོར་ཡིད་ལ་ངེས་པ་གྱིས་དང་། ནམ་མཁའི་སྟེང་གི་སྐར་ཚོགས་རྣམས། ང་ཡི་རླབས་ཆེན་མེས་པོ་འདྲ་བྱུང་། ངའི་ལུས་ནང་ཁྱེད་ཚོའི་ཁྲག་རྒྱུག་ཡོད། གཞས་ཚིག་སྒྲིག་བཟོ། འཕྱོངས་རྒྱས་བསོད་དབང་། ཨོའོ། ནམ་མཁའི་སྟེང་གི་ཉི་འོད། ཨོའོ། རླབས་ཆེན་མེས་པོ་འདྲ། ཨོའོ། ང་ཡི་ལུས་པོའི་ནང་དུ། ནམ་ཡང་ཁྱེད་ཚོའི་ཁྲག་རྒྱུག་ཡོད། ཨོའོ། རྩྭ་ཐང་སྟེང་གི་གླུ་དབྱངས། ཨོའོ། ཁྱེད་ཚོའི་གཏམ་རྒྱུད་ཡིན། ཨོའོ། སྙན་པའི་གཏམ་རྒྱུད་དེ་དག ནམ་ཡང་ང་ཚོའི་རྣ་ལམ་དུ་གྲགས། སུ་ཡིས་དྲན་བསམ། ང་ཚོའི་མེས་པོ་ལགས། མེས་པོ་རྣམས་ཀྱི་མཛད་རྗེས་དེ་དག་དྲན་བསམ། སུ་ཡིས་ང་ཡི་གླུ་དེ་གསན་ཡོང་ངམ། ང་ཡི་རླབས་ཆེན་མེས་པོའི་བྱ་བཞག