Kapar 作词 : SHAPALEY/罗布桑珠 作曲 : SHAPALEY/罗布桑珠 ༺ ཁ་པར། ༻ ཚིག་གདངས། ཤ་བག་ལེབ། ནོར་བུ་བསམ་གྲུབ། གཞས་གཏོང་མཁན། ཤ་བག་ལེབ། ནོར་བུ་བསམ་གྲུབ། དྲན་གྱི་འདུག་གས། ང་གཉིས་གང་འདྲས་ཐུག་ཡོད་མེད་བསམ་བློ་བཏང་ན། ང་ཚོང་ཁང་ནང་གོམ་པ་བརྒྱབ་ནས་འགྲོ་དུས། ངས་རང་མཐོང་བྱུང་ང་། རང་ཕར་ཙམ་དེར་རྐུབ་བཙུགས་ནས་བསྡད་ཤག ངས་ཚུར་ཙམ་དེར་རྐུབ་སྟེགས་སྒང་ལ་བསྡད་ཡོད། རང་གིས་ངར་ཚུར་བལྟས་ནས་བསྡད་པའ། ངའི་སེམས་དེས་རང་འཚལ་ནས་བསྡད་ཤག འདུག རང་རྣམ་པ་དེ་མཛེས་དྲགས་ནས་ང་དྲན་པ་འཐོར་གྲབས་བྱས་བྱུང་། རང་དང་པོ་མཐོང་དུས་ངའི་སྙིང་དེ་འཁྱག་པ་ཟུར་བྱས་བཞུར་གྲབས་བྱས་བྱུང་། རང་གཟུགས་དཔྱད་ཡག་པ་གཅིག་འདུག རང་པགས་པ་གཙང་བ་གཅིག་འདུག དེ་ལས་གལ་ཆེ་ཁྱད་ཆོས་ཡག་པ་ག་རེ་འདུག་ལབ་ན། རང་ཀླད་པ་དེ་སྤྱང་བ་ཞིག་འདུག སྐབས་དེ་ནས་རང་གིས་ང་མི་ཚེར་འགྱུར་བ་དེ་འདྲས་བཏང་གི་ཡོད་པ། ངས་དངོས་གནས་བསམ་བསམ་མ་བྱུང་། ང་གཉིས་ཕར་ཚུར་དགའ་པོ་བྱས་ནས་བརྩེ་དུང་དེ་འདྲས་སླེབས་དུས་ཙམ་ལ། ང་དངོས་གནས་ཧང་ཁོ་ར་སངས་བྱུང་། རང་སྙིང་རྗེ་དྲགས་ནས་ང་རང་ལ་བལྟས་བྱས་བསྡད་དགོས་འཁེལ་གྱིས། རང་གདོང་མཛེས་དྲགས་ནས་ངའི་མིག་ངར་ལྕགས་ཟུར་བྱས་འཐེན་གྱིས། གོམ་པ་བརྒྱབ་བྱས་འགྲོ་དུས། རང་ལ་བལྟས་བྱས་བསྡད་ཡོད། ཁ་ལག་བཟས་བྱས་བསྡད་དུས། རང་ལ་བལྟས་བྱས་བསྡད་ཡོད། གསང་སྤྱོད་ནང་ཡོད་དུས། རང་ལ་བལྟས་བྱས་བསྡད་ཡོད། ང་ག་པར་ཕྱིན་པ་ཡིན་ནའི་ལས། རང་ལ་བལྟས་བྱས་བསྡད་ཡོད། ཚུར་ལ་ཉོན་དང་ང་ཡི་མཛེས་མ། ང་ཡི་གླུ་གཞས་རང་ལ་བཏང་ཡོད། ཆུ་ཚོད་ཉི་ཤུ་རྩ་བཞི་རང་དང་། མཉམ་དུ་བསྡད་རྒྱུ་བྱུང་ན། སུ་ལའང་མེད་པའི་བརྩེ་སེམས་བཅངས་ཡོད། ཉིན་ལྟར་རང་ངས་ལག་པར་འཇུས་ཡོད། ངས་རང་དང་མཉམ་དུ་བསྡད་པའི་ཆེད་དུ། སུ་ལའང་སྣང་བ་མ་བཏང་། རང་མེད་ན་ང་སེམས་སྐྱིད་པོ་མིན་འདུག རང་མེད་ན་ང་བསྡད་ཐུབ་ཀྱི་མིན་འདུག རང་མེད་ན་ང་མདུན་ལམ་མེད་པ། སྤྱི་ཚོགས་ཀྱི་ལམ་ཁ་དེ་བརླག་པའི་ཟུར་འདྲ་ཅིག་འདུག བྱས་ཙང་ང་དུས་ཚོད་ག་དུས་ཡོད་དུས་ཙམ་ལ། རང་མཉམ་དུ་སྐྱེལ་ནས་བསྡད་ཡོད། རང་ངའི་སར་མེད་དུས་ང་ངུས་བྱས་རང་དྲན་བྱས་བསྡད་ཡོད། རང་གི་སྐད་གོ་དུས་ངའི་སེམས་འཕུར་གྲབས་བྱེད་ཀྱིས། བྱས་ཙང་རང་གི་གདོང་སྙིང་རྗེ་པོ་དེ་ངའི་མཛུབ་མོ་མཉམ་དུ། བྱམས་པོ་བྱེད་འདོད་ཀྱིས། རོགས་པ་ཐུག་དུས་ཡ་བྱེད་ཀྱི་མེད་ད། སློབ་སྦྱོང་ལ་རིག་པ་སྒྲིམ་གྱི་མེད་ད། དུས་ཚོད་མང་པོ་འཕྲོ་བརླག་བཏང་གི་ཡོད་ད། དེ་ཚོ་ཚང་མ་རང་གི་ཆེད་དུ་ཡིན་ད། མི་ཚོས་དགའ་པོ་བྱས་བྱས། ང་གཉིས་མཉམ་དུ་པར་བརྒྱབ་པ་དེ་ཚོར་ཁོང་ཚོས་མཐེ་བོང་ཡར་བརྐྱང་གིས། མཐེ་བོང་ག་ཚོད་མང་བ་ཡོད་ནའི་རོགས་པ་མང་ཆེ། སྙིང་རྗེ། མཐོང་ཆེ། གལ་ཆེ་ཡོད་པ་བསྟན་གྱིས། བྱས་ཙང་། ངས་རང་གི་གདོང་ལ་བལྟས་བྱས་བསྡད་བྱས། ང་རང་འཐོམ་བྱས་བསྡད་ཀྱིས། ངའི་མི་ཚེ་དེ་འདུག་ཟེ་བྱས་འགྲོ་མཁན་རེ་ཅིག་བྱེད་ཀྱིས། ཁྱད་མཚར་རེད། མི་དངོས་གནས་ཀྱི་འབྲེལ་བ་དེ་བརླག མཐའ་མཇུག་དེར། རང་དང་ང་ལམ་ཁ་དེའི་སྒང་ལ་གཅིག་པུར་ལྷག སོ་སོའི་ཁ་པར་དེར་སྙིང་ལས་ལྷག་པ་བརྩིས། མི་ཚེའི་གལ་ཆེ་དེ་ཚོ་ཚང་མ་བརྗེད། དེང་སང་གི་སྤྱི་ཚོགས་འགྲོ་སྟངས་དེ་འདྲས་རེད་ཤག མི་ལས་གློག་ལ་གལ་ཆེ་བརྩིས་ཤག ཚུར་ལ་ཉོན་དང་ང་ཡི་མཛེས་མ། ང་ཡི་གླུ་གཞས་རང་ལ་བཏང་ཡོད། ཆུ་ཚོད་ཉི་ཤུ་རྩ་བཞི་རང་དང་། མཉམ་དུ་བསྡད་རྒྱུ་བྱུང་ན། སུ་ལའང་མེད་པའི་བརྩེ་སེམས་བཅངས་ཡོད། ཉིན་ལྟར་རང་ངས་ལག་པར་འཇུས་ཡོད། ངས་རང་དང་མཉམ་དུ་བསྡད་པའི་ཆེད་དུ། སུ་ལའང་སྣང་བ་མ་བཏང་།