为什么 作词 : 59 དངོས་གནས་ ལས་དབང་འདིས་ང་གཉིས་བརྩེད་མོ་རྩེད་པ་ རེད་པས་ ཡང་ན་ བརྩེ་དུང་གི་བར་ཆད་འདིའི་ནང་ཕམས་པ་རེད་པས་ ད་བར་དུ་བསམ་བློ་ག་ཚོད་བཏང་ནའི་བསམ་ཤེས་མ་ཐུབ་ ཁ་བྲལ་དུས་མཐའ་མའི་རྒྱུ་མཚན་འདིར་ད་དུང་ཡིད་ཆེས་མ་སྐྱེས་ ཡང་ན་ས་ཆ་གཉིས་གི་བར་ཐག་འདིའི་ནང་ཕམས་པ་རེད་པས་ ག་དུས་ཡིན་ནའི་གཤིབས་ཡག་མེད་པའི་དུས་ཚོད་འདིའི་ནང་ཕམས་པ་རེད་པས་ མི་གཉིས་གིས་མཉམ་དུ་བསམ་པའི་མ་འོངས་ བཞགས་ཚར་པའི་བརྩེ་དུང་དམ་བཅའ་ བཤད་ཚར་པའི་ཁས་ལེན་སྐད་ཆ་ནམ་མཁའི་འཇའ་ལྟར་ཡལ་དུས་གང་འདྲས་ ག་ནས་བྱས་འཚམས་བཞགས་དགོས་པའི་རྒྱུ་མཚན་མ་བརྙེད་ མི་གཅིག་གི་འཚོ་བ་ག་ནས་འགོ་ཚུགས་དགོས་པའི་སེམས་ཤུགས་མ་སླེབས་ རང་དྲན་པའི་མིག་ཆུ་བཏང་ཚར་རྫོག་བྱས་ད་ཆ་བཏང་ཡག་མེད་པ་ཆགས་དུས་གང་འདྲས་བྱས་སྡུག་རུས་བརྒྱབ་ན་སེམས་ལ་ན་ཚ་བཏང་གི་མ་རས་ ཡང་ན་ རང་གིས་ངར་བརྗེད་ཡག་ཐབས་ཤེས་བསླབ་དང་ རང་ཡོད་པའི་དྲན་གསོ་ཚང་མ་ཀླད་པའི་ནང་ནས་བསུབ་རུ་བཅུག་དཱ་ ཡིན་འི་ངས་རང་ག་ནས་བརྗེད་ཐུབ་ རང་ཡོད་པའི་དྲན་གསོ་ཚང་མ་ག་ནས་བསུབ་ཐུབ་ རང་མཉམ་དུ་ཕྱིན་པའི་དུས་ཚོད་ རང་མཉམ་དུ་བསྐྱལ་པའི་འཚོ་བ་ རང་མཉམ་དུ་བསམ་པའི་མ་འོངས་ཚང་མ་སེམས་ནང་དྲན་བྱས་བསྡད་ཤག་ཀླད་པའི་ནང་འཁོར་བྱས་བསྡད་ཤག་ ངས་གང་འདྲ་བྱས་བརྗེད་དགོས་ གང་འདྲ་བྱས་བཞག་དགོས་ གང་འདྲ་བྱས་བསུབ་དགོས་ རང་གིས་ངར་བཤད་དང་ བཤད་ཚར་པའི་ཁས་ལེན་སྐད་ཆ་ བསམ་མྱོང་པའི་མ་འོངས་འཚོ་བ་ མི་གཅིག་གི་སྟོས་བསམ་རེད་པས་ འགྲུག་ཡག་མེད་པའི་བྱ་བ་གཅིག་རེད་པས་ བརྩེ་དུང་གི་རྡོ་རྗེ་ཕ་ལམ་སེར་ཁ་རྒྱས་ཡག་ རྒྱུ་མཚན་ག་རེ་རས་ ཕྱིན་ཚར་པའི་ལོ་རྒྱུས་ཡང་ན་མཇུག་བསྒྲིལ་ཚར་པའི་སྒྲུང་གཏམ་རེད་པས་ ལས་དབང་གིས་རང་དང་ང་ ང་གཉིས་བཟོས་པ་འདི་ཡང་ནོར་འཁྲུལ་རེད་པས་ སེམས་ནང་ནས་བརྩི་ཤོས་མི་དེ་བློས་བཏང་དགོས་དུས་བཏང་པའི་ན་གཟུགས་ རང་མེད་པའི་མ་འོངས་བསམ་དུས་སྡུག་རུས་མ་ཐུབ་པ་བྱས་བཏང་པའི་མིག་ཆུ་ མི་གཉིས་གི་བརྩེ་དུང་ དུས་ད་ཆ་དྲན་གསོ་མ་ཏོག་ལྷག་མེད་ སྔོན་མ་གི་མ་སྐྱིད་པའི་གནས་ཚུལ་ཡིན་ནའང་བདེ་སྐྱིད་གི་དྲན་གསོ་གཅིག་ཆགས་བསྡད་ མི་གཅིག་གི་འཚོ་བ་ མི་གཅིག་གི་དྲན་གསོ་ མི་གཅིག་གི་སེམས་སྡུག་ ལམ་འགྲམ་གྱི་གློག་ཞུའི་འོག་ལའང་རང་མེད་ད་ཆ་མི་གཅིག་ གལ་སྲིད་ རང་དྲན་དུས་ད་དུང་ཁ་པར་བརྒྱབ་ཡོད་ན་ འཕྲིན་ཐུང་ནང་ སྐད་འཕྲིན་ནང་སྙིང་གཏམ་བཤད་ཡག་གོ་སྐབས་ཡོད་ན་ ངས་རང་ལ་དྲན་པའི་དུང་བ་ སེམས་ནང་གི་སྙིང་གཏམ་ཡོད་ཚད་ ཐེ་འཚོམ་མེད་འབའ་གསང་མེད་པར་ཚང་མ་ཤད་བསམ་ ཡིན་ནའང་ དུས་ད་ཆ་ཁྱེད་རང་གང་དུ་ཡོད་ བསྐྱལ་བཞིན་པའི་འཚོ་བ་གང་འདྲས་ ཤེས་འདོད་ཀྱི་བློ་ཡོད་ཡིན་ནའང་ད་ཆ་ངར་ཐོབ་ཐང་མེད་པཱ་ ནོར་བུ་ ངས་རང་དྲན་བྱས་བསྡད་ཡོད་ དུས་ཚོད་ག་ཚོད་ཕྱིན་ནའང་ངས་རང་ སེམས་ནང་ཉར་བྱས་བསྡད་ཡོད་ རང་མཉམ་དུ་ཕྱིན་པའི་ལམ་ཁག་ རང་མཉམ་དུ་བསྐྱལ་པའི་འཚོ་བ་ རང་མཉམ་དུ་བསམ་པའི་མ་འོངས་ཚང་མ་སེམས་ནང་དྲན་བྱས་བསྡད་ཤག་ཀླད་པའི་ནང་འཁོར་བྱས་བསྡད་ཤག་ ངས་གང་འདྲ་བྱས་བརྗེད་དགོས་ གང་འདྲ་བྱས་བཞག་དགོས་ གང་འདྲ་བྱས་བསུབ་དགོས་ རང་གིས་ངར་བཤད་དང་ བཤད་ཚར་པའི་ཁས་ལེན་སྐད་ཆ་ བསམ་མྱོང་པའི་མ་འོངས་འཚོ་བ་ མི་གཅིག་གི་སྟོས་བསམ་རེད་པས་ འགྲུག་ཡག་མེད་པའི་བྱ་བ་གཅིག་རེད་པས་ བརྩེ་དུང་གི་རྡོ་རྗེ་ཕ་ལམ་སེར་ཁ་རྒྱས་ཡག་ རྒྱུ་མཚན་ག་རེ་རས་