༼Kamsangཁམས་བཟང་༽ 作词 : 曲尼 作曲 : 曲尼 ང་གངས་ཅན་བོད་ནས་ཡོང་བའི་བུ་ཕྲུག་ཡིན་ རྩམ་པ་བཟས་ནས་འཚར་ལོངས་བྱུང་བའི་གངས་ཕྲུག་ཡིན་ ལས་ལ་བརྩོན་པ་ཕ་ཡུལ་གཞིས་ཀ་རྩེ་ཡི་མི་ བྱམས་བརྩེ་ཆེ་བ་བོད་མི་ཡོངས་ཀྱི་གཤིས་བཟང་ཡིན Everybody, I'm back With my song to bring everyone happy 〔~RAP~〕 དང་ཐོག་མར་ལྷན་རྒྱས་ཡོངས་ལ་ སྙིང་དབུས་ནས་ཁམས་བདེའི་འཚམས་འདྲི་ དུས་དེ་རིང་གཞས་འདི་འཁྱེར་ནས་ ཁྱེད་རྣམས་ལ་བཀྲ་ཤིས་པའི་ཐུགས་འཕྲད་ཅིག་བཞུས་ Dear Dad and Mom སྐུ་གཟུགས་གསལ་ཐང་ནད་མེད་ཚེ་རིང ཁྱེད་གཉིས་པོའི་བྱམས་སྐྱོང་དང་བཀའ་དྲིན་ སྙིང་ཁོངས་རུས་པའི་གཏིང་དུ་ཉའ་བསྡད་ གླུ་གར་གྱི་རྒྱ་མཚོའི་ནང་དུ་ ཕུགས་བསམ་དང་རེ་བ་བླགས་མེད་ མ་འོངས་པའི་འཚོ་བའི་ཆེད་དུ་ འབད་བརྩོན་བྱེད་མཁན་ལ་ 1376 ཁམས་བཟང་དེ་སྙན་ཅིབས་མེད་ནས་ སེམས་གཅིག་གི་དྲང་པོའི་སྐད་ཆ་ རེ་བ་ལ་ཁྱེད་ཚོ་ཚང་མ་སྐུ་གཟུགས་གསལ་ཐང་ཡོང་རྒྱུ་ཡིན་ད་ རེ་བ་དང་གཅིག རྨི་ལམ་དང་གཉིས རླུང་རྟ་དར་བའི་སྨོན་ལམ་ཡོད་ ཞི་བདེ་དེ་ང་ཚོ་ཚང་མའི་བསམ་འདུན་ཡིན་ གོམས་པ་གཅིག་ གོམས་པ་གཉིས་ ལེ་དབར་དང་ས་ཐག་རྒྱང་ན་ཡང་ འགྲོ་འདོད་པའི་ས་ཆ་དེ་ནི་ང་ཚོའི་དམིགས་ཡུལ་ཡིན་ It's my song འདི་ང་རའི་རྣམ་འགྱུར་ It's my song ཁྱེད་ལ་སྤྲད་པའི་འཚོར་སྣང་ It's my song³ ལས་བཟང་པོའི་དབང་གི་ངོ་ཤེས་ དེས་མ་ཟད་བརྩེ་བ་ཟབ་མོ་ དུས་རྣམ་པ་ཀུན་ཏུ་ཡིན་ནས་ལས་བསོད་རྣམས་དབང་ཐང་དར་བའི་བཀྲ་ཤིས་ སླད་ཕྱིན་གྱི་དུས་ཚོད་ནང་དུ་ གུས་པས་སྐྱར་ནས་གཞས་ཅིག་བཏང་བྱས་ ཁྱེད་རྣམས་པའི་སྙན་ལམ་དུ་འཕུལ་བའི་ དུས་ཅིག་རེ་སྒུག་བྱས་ནས་བསྡད་ཡོད་ ང་ཡོང་ས་ T I B E T ཐའ་གངས་རི་བསྐོར་བའི་ས་ ཁམས་བཟང་གི་ཚིག་དེའི་ནང་དུ་ ཁྱེད་ཡོངས་ལ་མཚོན་པའི་དུངས་བ་ཟབ་མོ་² ང་གངས་ཅན་བོད་ནས་ཡོང་བའི་བུ་ཕྲུག་ཡིན་ རྩམ་པ་བཟས་ནས་འཚར་ལོངས་བྱུང་བའི་གངས་ཕྲུག་ཡིན་ ལས་ལ་བརྩོན་པ་ཕ་ཡུལ་གཞིས་ཀ་རྩེ་ཡི་མི བྱམས་བརྩེ་ཆེ་བ་བོད་མི་ཡོངས་ཀྱི་གཤིས་བཟང་ཡིན་² Everybody, I'm back With my song to bring Everyone happy² རེ་བ་དང་གཅིག་ རྨི་ལམ་དང་གཉིས་ རླུང་རྟ་དར་བའི་སྨོན་ལམ་ཡོད་ ཞི་བདེ་དེ་ང་ཚོ་ཚང་མའི་བསམ་འདུན་ཡིན་ གོམས་པ་གཅིག་ གོམས་པ་གཉིས ལེ་དབར་དང་ས་ཐག་རྒྱང་ན་ཡང་ འགྲོ་འདོད་པའི་ས་ཆ་དེ་ནི་ང་ཚོའི་དམིགས་ཡུལ་ཡིན