他送的玫瑰 作词 : 拉巴扎西 作曲 : 拉巴扎西 ཁོང་གིས་ཁྱེད་ལ་ཕུལ་བའི་རྒྱ་སེ་མེ་ཏོག་དེ། ད་དུང་ང་ཡི་ནང་ལ་ལུས་ནས་འདུག། བརྩེ་སེམས་མེད་པའི་མེ་ཏོག་མིག་ལ་མཚར་ཡང་། ང་ལ་མི་དགོས་ཕར་ལ་བཞེས་རོགས་གནང་དང་། ཁྱོད་ཀྱི་མེ་ཏོག་ཕར་ལ་བཞེས་རོགས་གནང་། ང་ཡི་སེམས་ལ་ན་ཚ་བཟོ་ས་རེད། ~ ཁོང་གིས་ཁྱེད་ལ་སྙིང་གཏམ་བཤད་སོང་། སྙིང་གཏམ་ལ་སྙན་མོ་བཤད་སོང་། བརྩེ་དུང་མེད་པའི་སྙིང་གཏམ་སྙན་མོ་དེ། བུ་མོའི་ལང་ཚོ་སྟོང་ཟད་ཡིན་འགྲོ། ཁོང་གིས་ཁྱེད་ལ་སྙིང་གཏམ་བཤད་སོང་། སྙིང་གཏམ་ལ་སྙན་མོ་བཤད་སོང་། བརྩེ་དུང་མེད་པའི་སྙིང་གཏམ་སྙན་མོ་དེ། བུ་མོའི་ལང་ཚོ་སྟོང་ཟད་ཡིན་འགྲོ། ~ ང་ཡིས་ཁྱེད་ལ་བཤད་པའི་སེམས་ཀྱི་སྙིང་གཏམ་དེ། ཁོང་གིས་བཤད་པ་ནང་བཞིན་སྙན་པོ་མེད་ཀྱང་། ཁྱོད་ལ་དུངས་པའི་ལྷད་མེད་སེམས་པ་དམར་པོ། ནམ་ཡང་མི་འགྱུར་རྡོ་རྗེའི་དམ་བཅའ་བརྟན་ཡོད། ཁྱོད་ལ་བཅངས་པའི་ལྷད་མེད་བརྩེ་དུང་དེ། རྡོ་རྗེ་བྲག་ལ་བརྐོས་པ་ནང་བཞིན་ཡོད། ~ ང་ཡིས་ཁྱོད་ལ་བརྩེ་དུང་བཅངས་ཡོད། འགྱུར་མེད་ཀྱི་བརྩེ་དུང་བཅངས་ཡོད། བློ་བརྟན་མེད་པའི་བུ་མོ་ཁྱེད་རང་། ཟང་ཟིང་སྒོར་མོའི་ཕྱོགས་སུ་ཤོར་སོང་། ང་ཡིས་ཁྱོད་ལ་བརྩེ་དུང་བཅངས་ཡོད། འགྱུར་མེད་ཀྱི་བརྩེ་དུང་བཅངས་ཡོད། བློ་བརྟན་མེད་པའི་བུ་མོ་ཁྱེད་རང་། ཟང་ཟིང་སྒོར་མོའི་ཕྱོགས་སུ་ཤོར་སོང་། ~ ཁོང་གིས་ཁྱོད་ལ་མོ་ཊ་ཉོས་སོང་། ཁོང་གིས་ཁྱོད་ལ་ཁང་པ་ཡང་ཉོས་སོང་། ང་ཡིས་ཁྱོད་ལ་བཅངས་པའི་བརྩེ་དུང་དེ། ཁང་པ་མོ་ཊ་དངུལ་ལོར་འོག་ནས་འཐོར་སོང་། ང་ཡིས་ཁྱོད་ལ་བཅངས་པའི་བརྩེ་དུང་། ལྷད་མེད་བརྩེ་དུང་མེད་པ་ཁོང་གིས་དཀྲོག་སོང་། ལྷད་མེད་བརྩེ་དུང་མེད་པ་ཁོང་གིས་དཀྲོག་སོང་། ལྷད་མེད་བརྩེ་དུང་མེད་པ་ཁོང་གིས་དཀྲོག་སོང་། ~