ངས་ནོར་པ་རེད།(我错了) 作词 : ZAMCHU 作曲 : July Mixtape ངས་ནོར་པ་རེད། 我错了 Hook: རེད། རེད། རེད། ངས་ནོར་པ་རེད།(我错了) ད་ལྟ་བར་དུ་ཚང་མ་ལོག་ངས་ནོར་པ་རེད།(直到现在所有都是我错的) བསམ་བློ་བཏང་སྟངས་ནོར་པ་རེད།(我的想法是错的) དགའ་པོ་བྱེད་སྟངས་ནོར་པ་རེད།(我的方式也是错的) རེད། རེད། རེད། ངས་ནོར་པ་རེད།(我错了) ད་ལྟ་བར་དུ་ཚང་མ་ལོག་ངས་ནོར་པ་རེད།(直到现在都是我错的) བརྩེ་དུང་སྤྲས་སྟངས་ནོར་པ་རེད།(给予爱情是错的) དམ་བཅའ་བཞག་སྟངས་ནོར་པ་རེད།(许下承诺是错的) རེད། རེད། རེད། ངས་ནོར་པ་རེད།(我错了) ད་ལྟ་བར་དུ་ཚང་མ་ལོག་ངས་ནོར་པ་རེད།(直到现在都是我错的) Verse1: ཡིན་ནའི་རང་མ་བརྗེད་པ་བྱེད་ཞིག(但是请你不要忘记) སེམས་པ་སྐྱོ་དུས་རང་གི་འཁྲིས་དེ་བསྡད་བསྡད་མཁན་མི་དེ།(在你伤心难过时候陪你身边的人) ཡི་ཐང་ཆད་དུས་རང་གི་འཁྲིས་དེ་སེམས་ཤུགས་ཚད་མེད་སྤྲས་མཁན་དེ།(在你失去斗志时候为你鼓舞助力的人) སྐྱིད་པོ་མེད་དུས་རང་གི་འཁྲིས་དེ་སྤྲང་པོའི་སྤྲེའུ་འཁྲབ་མཁན་དེ།(在你伤心难过的时候为你装疯卖傻的人) རེད་དའ་དེ་ཚོ་ཕྱིན་ཚར། དྲན་གསོ་བྱས་ནའི་ཆོ་མེད།(但所有这些都已过去不值我们怀念) དེ་ཚོ་ཚང་མ་ཚར་ཚར། དྲན་གསོ་བྱས་ནའི་སྙིང་པོ་མེད།(但所有这些都已过去没有怀念的价值) ཡོད་ཚད་རང་ལ་བསམ་མཁན་མི་དེའི་སེམས་དེ་རང་གིས་སྐྲག་ཚར།(你把所有给予你的这人伤得体无完肤) ཡོད་ཚད་རང་ལ་སྤྲས་མཁན་མི་དེའི་སེམས་དེ་རང་གིས་བརླག་ཚར།(你把所有给予你的这人伤得失去自我) བགོད་བྲོ་བའི་ལྟད་མོ་འདི་ནང་ཁོ་པ་སྔ་ས་ནས།(喜剧般的世界里他早已) ཉོབ་ཚར། ཕམ་ཚར། ཤོར་ཚར།(倦了 败了 失去了) བདེན་དོན་མེད་པའི་རང་གི་འཁྲིས་ནས། ཁོ་པ་སྔ་ས་ནས།(不求事实的面前他早已) སྨྱོ་ཚར། སྐྱོ་ཚར། ཤི་ཚར།(疯了 痛了 死去了) ལྐུགས་པ་ནང་བཞིན་མི་དེ།(像傻子般的这人) ད་ལྟ་མཐོང་རྒྱུ་བསྡད་མེད།(现在不能够看到) གླེན་པ་ནང་བཞིན་མི་དེ།(像傻子般的这人) ག་ཚོད་འཚལ་ཀྱང་རྙེད་པ་མེད།(现在不能够找到) འགྱུར་བ་མེད་པའི་དམ་བཅའ་དེ།(不能变更的承诺) ཆུའི་ནང་ལ་བསྐྱུར་ཚར།(早已丢在了水里) ལྷད་མེད་པའི་བརྩེ་བ་འདི།(纯真无杂的爱恋) འཇའ་ཚོན་བཞིན་དུ་ཡལ་ཚར།(像彩虹那般消失) ལས་དང་ལས་འཕྲོ་ཟེར་ན་ལའི།(即使谈论了缘分) ད་ལྟ་ཡིད་ཆེས་གཅིག་མེད།(现在没有了信任) བརྩེ་བ་འདི་ལ་སྤྲས་པའི་སེམས་ལ།(给予这段感情的真心) འགྱོད་པ་སྐྱེ་རྒྱུ་གང་ཡང་མེད།(我真的无话可说) བྲལ་འདོད་ཡོད་པའི་རང་ལའང་།(想要分开的你) སྙིང་གཏམ་བཤད་རྒྱུ་བསྡད་མེད།(我没有太多的语言) ཡང་བསྐྱར་ལོག་ཡོང་ཟེར་ནའང་།(即便再次回到我身边) དགོས་པའི་ངེས་པ་ང་མེད།(我也不一定需要) ཚར་ཚར་པའི་གནས་ཚུལ་དེ་ཚོ།(过去的这些事情) བསམ་གཞིགས་བྱེད་རྒྱུ་བསྡད་མེད།(现在不需要考虑) ཕྱིན་ཚར་པའི་དུས་ཚོད་ལའང་།(过去的这些时间) ཡང་བསྐྱར་ལོག་རོགས་ཟེར་ཡས་མེད།(也没有倒回的办法) ཁ་ཕྱོགས་མེད་པའི་ལམ་ལའང་།(没有方向的路上) འགྲོ་འདོད་ཡོད་མཁན་གཅིག་མེད།(谁也不愿意迈步) བདེ་སྐྱིད་མེད་པའི་ངའི་འཁྲིས་ནས།(没有幸福的我身边) རང་གི་གདམས་ཁ་འགྲིག་ཡོད།(你的选择是对的) Hook: རེད། རེད། རེད། ངས་ནོར་པ་རེད། ( 我错了) ད་ལྟ་བར་དུ་ཚང་མ་ལོག་ངས་ནོར་པ་རེད།(直到现在所有都是我错的) བསམ་བློ་བཏང་སྟངས་ནོར་པ་རེད།(我的想法是错的) དགའ་པོ་བྱེད་སྟངས་ནོར་པ་རེད།(我的爱法是错的) རེད། རེད། རེད། ངས་ནོར་པ་རེད།(我错了) ད་ལྟ་བར་དུ་ཚང་མ་ལོག་ངས་ནོར་པ་རེད།(直到现在都是我错的) བརྩེ་དུང་སྤྲས་སྟངས་ནོར་པ་རེད།(给予爱情是错的) དམ་བཅའ་བཞག་སྟངས་ནོར་པ་རེད། (许下承诺是错的) རེད། རེད། རེད། ངས་ནོར་པ་རེད།(我错了) ད་ལྟ་བར་དུ་ཚང་མ་ལོག་ངས་ནོར་པ་རེད།(直到现在都是我错的) Verse2 ལྷད་མེད་པའི་སེམས་འདིས། ང་མགོ་འཁོར་བཏང་གིས།(但这单纯的心 它常常欺骗于我) དྲན་དྲགས་པའི་རང་དང་དེ་སྔོན་གྱི་གནས་ཚུལ།(太过想念以前的事和以前的你) ཡིད་སྐྱོ་བའི་ལས་འདི་ལས།སྙིང་རྗེ་མེད་པ་འདྲ།(这捉弄人心的命运它显得太过无情) མིག་མདུན་གྱི་མཇུག་འབྲས་འདི་ལས།(看着眼前的这结局) འགྱུར་བ་བཏང་ཐབས་བྲལ་སོང་།(再没有改变的方法) འཐོར་ཚར་བའི་སེམས་འདི་ནི།(早已破碎的心) ཀླད་པའི་ནང་གི་ན་ཚ་ཆགས།(成为体内的病) བཟོས་ཚར་པའི་རྨ་ཁ་འདི་ནི།(来不及处理的伤口) བསུབ་ཐབས་མེད་པའི་རྨ་རྗེས་ལ་འགྱུར།(留下了深深的疤痕) འཁྲིས་ལ་ཡོད་པའི་གཏན་གྲོགས།(留在身边的陪伴) སོ་སོ་རང་གི་གྲིབ་གཟུགས།(已是自己的身影) ༼ངས་གཞས་འདི་དང་ལྷན་དུ་རང་ཉིད་ཀྱི་གནས་བབས་ལ་ཕྱིར་བལྟ་ཞིག་དང་ང་གཉིས་ཀྱི་འདས་དོན་ལ་དྲན་གསོ་ཞིག ལོ་གཅིག་དུས་བཞི། དབྱར་དགུན་སྟོན་དཔྱིད། དུས་ཚོད་ལ་འགྱུར་ལྡོག་གང་འདྲ་ཟེ་ཕྱིན་ན་ལའི། ངས་སེམས་འདིས་ང་གཉིས་ཁ་བྲལ་བའི་རྒྱུ་མཚན་ཚང་མ་ངའི་ནོར་འཁྲུལ་གང་ལ་བཞག་ཡོད། རེད། ངས་ནོར་པ་རེད།།༽ Hook: རེད། རེད། རེད། ངས་ནོར་པ་རེད།(我错了) ད་ལྟ་བར་དུ་ཚང་མ་ལོག་ངས་ནོར་པ་རེད།(直到现在所有都是我错的) བསམ་བློ་བཏང་སྟངས་ནོར་པ་རེད།(我的想法是错的) དགའ་པོ་བྱེད་སྟངས་ནོར་པ་རེད།(我的爱法是错的) རེད། རེད། རེད། ངས་ནོར་པ་རེད།(我错了) ད་ལྟ་བར་དུ་ཚང་མ་ལོག་ངས་ནོར་པ་རེད།(直到现在都是我错的) བརྩེ་དུང་སྤྲས་སྟངས་ནོར་པ་རེད།(给予爱情是错的) དམ་བཅའ་བཞག་སྟངས་ནོར་པ་རེད།(许下承诺是错的) རེད། རེད། རེད། ངས་ནོར་པ་རེད།(我错了) ད་ལྟ་བར་དུཡོད་ཚད་ཚང་མ་ལོག་ངས་ནོར་པ་རེད།(直到现在一切都是我错的)