阿德昂多&闹布扎都【人生】 作词 : 阿德昂多 作曲 : 阿德昂多 ཚིག འབྱོ་མུན་རྒོལ། དབྱངས། ངང་རྡོ། ཆུང་ཆུང་བྱིས་པའི་དུས་སུ།།, དྲིན་ཆེན་ཨ་མ་བྲལ་ནས།, ཤེས་རིག་ལམ་ལ་ཆས་སོང།, ལོ་ཟླ་རེ་མོས་འཁོར་སོང་།, ཤེས་རིག་འབྲས་བུ་སྨན་སོང་།།, དྲིན་ཆེན་ཨ་མར་མཇལ་སོང་།།, ཨ་མའི་སྐྲ་ལོ་དཀར་པོ།།, རེ་སྒུག་ལོ་དང་ཟླ་བ།།, ལས་ཀྱི་བསྐོས་པའི་གྲོགས་པོ།།, འདུ་འབྲལ་འཁོར་བའི་ཆོས་ཉིད།།, སེམས་པ་མ་སྡུག་མ་ཟེར།།, བྲལ་བ་སྙིང་གི་ནད་རེད།། གྲོགས་མཆོག་ཡིད་བཞིན་ནོར་བུ།།, ཕྱི་ཐག་དངུལ་གྱི་མེ་ལོང་།།, མི་ཚེ་མ་རྫོགས་བར་དུ།།, མི་འགྱུར་རྡོ་རྗེའི་མདུད་པ།།, འཇིག་རྟེན་ཁྲ་ཁྲ་རིག་རིག།, འཁོར་བ་དགའ་རེ་སྡུག་རེ།།, འདུ་བྲལ་ལས་ཀྱི་རི་མོ།།, སྐྱིད་སྡུག་རྒྱུ་མའི་རྨི་ལམ།།, འཛོམས་གསུམ་འཛོམ་པའི་མི་ལ།།, བཀྲ་ཤིས་གཡང་གི་འབོད་པ།།, ཕུན་ཚོགས་བདེ་ཞིང་སྐྱིད་པ།།,