我多么怀念 作词 : 安曲贡布东智 作曲 : 安曲贡布东智 ཨ་ཤུ་རེ་ཁོ། ཚིག་དང་དབྱངས། ཨ་མཆོག་མགོན་པོ་དོན་གྲུབ། ལེན་མཁན། མགོན་པོ་བསམ་གྲུབ། དྲིན་ཕ་མའི་གཉོར་སྐྱོང་དྲན་གི། སྤུན་སྲིང་མོའི་འཛུམ་མདངས་དྲན་གི། གྲོགས་ན་ཟླའི་དགོད་སྒྲ་དྲན་གི། དྲན་དྲན་ནས་བཟོད་ཐབས་མེད་གི། ཨ་ཤུ་རེ་ཁོ། ཕ་ཡུལ་ལ་འགྲོ་རྒྱུ་བྱུང་ན་བསམ་བྱུང་། ཨ་ཤུ་རེ་ཁོ། ཕ་ཡུལ་ལ་འགྲོ་རྒྱུ་བྱུང་ན་བསམ་བྱུང་། ࿄࿄࿄ རྟ་འདོ་བའི་མཚེར་སྒྲ་དྲན་གི། འབྲི་མཛོ་མོའི་ངུར་སྒྲ་དྲན་གི། ལུག་ཚེར་མོའི་འབའ་སྒྲ་དྲན་གི། དྲན་དྲན་ནས་བཟོད་ཐབས་མེད་གི། ཨ་ཤུ་རེ་ཁོ། ཕ་ཡུལ་ལ་འགྲོ་རྒྱུ་བྱུང་ན་བསམ་བྱུང་། ཨ་ཤུ་རེ་ཁོ། ཕ་ཡུལ་ལ་འགྲོ་རྒྱུ་བྱུང་ན་བསམ་བྱུང་། ࿄࿄࿄ ས་ཐག་རིང་ས་མཐའི་ཡུལ་ནས།། ཁ་རང་ཡུལ་ཕྱོགས་ལ་འཁོར་ནས།། མིག་མཆི་མའི་ཐིགས་པ་ལྷུང་བཞིན།། ངག་སྐྱོ་གླུ་དབང་མེད་ཤོར་སོང་།། ཨ་ཤུ་རེ་ཁོ། ཕ་ཡུལ་ལ་འགྲོ་རྒྱུ་བྱུང་ན་བསམ་བྱུང་། ཨ་ཤུ་རེ་ཁོ། ཕ་ཡུལ་ལ་འགྲོ་རྒྱུ་བྱུང་ན་བསམ་བྱུང་། ཨ་ཤུ་རེ་ཁོ། ཕ་ཡུལ་ལ་འགྲོ་རྒྱུ་བྱུང་ན་བསམ་བྱུང་། RengTsing文化传媒