我们 作词 : 门俄保 作曲 : 贡波桑周 ང་ཚོ། ཚིག སྨིན་དབུས་པོ། དབྱངས། མགོན་པོ་བསམ་གྲུབ། ལེན་མཁན། མགོན་པོ་བསམ་གྲུབ། ང་ཚོའི་ཡབ་མེས་མངའ་མཛད་ཐོག་མ་རེད། འགྲོ་བ་མི་ཡི་ལོ་རྒྱུས་ང་ཚོའི་ཡིན། ང་ཚོའི་བླ་རི་སྲིད་པའི་གངས་རྒན་རེད། འཇིག་རྟེན་འདི་ཡི་གཟི་འོད་ང་ཚོའི་ཡིན། མི་ཡི་ཐོག་མ། ལོ་རྒྱུས་རིང་བོ། གོ་ལའི་རྟེན་ཕུར། གཏམ་རྒྱུད་རིང་བོ། ངའི་རེད་ཁྱོའི་རེད། ང་ཚོ་ཚང་མའི་རེད། ࿄࿄࿄ ང་ཚོའི་མེས་པོས་སུམ་གཉིས་མངའ་དབང་བསྒྱུར། མཐའ་བཞིའི་རལ་བ་གདན་དུ་བཏིང་མྱོང་ཡོད། ང་ཚོའི་ཕུགས་ནོར་བཅུ་ཕྲག་རིག་གནས་རེད། འཛམ་གླིང་ཁྱོན་ལ་འོད་སྣང་འཕྲོས་ཏེ་ཡོད། ཕ་མེས་བཙན་པོ། མཛད་རྗེས་རླབས་ཆེན། རིག་གཞུང་གཙང་མ། ཞི་བདེའི་འབྱུང་གནས། ངའི་རེད་ཁྱོའི་རེད། ང་ཚོ་ཚང་མའི་རེད། ࿄࿄࿄ ང་ཚོའི་བླ་སྲོག་རྡོ་རྗེའི་བྲག་རི་ཡིན། ཡ་རབས་རང་ཚུགས་བརྟན་པོས་མདུན་དུ་འགྲོ། ང་ཚོའི་བསམ་བློ་དྭངས་གཙང་ལྷད་མེད་ཡིན། འཛམ་གླིང་མི་ཡི་གྲལ་ནས་རང་གཤིས་ངོམ། བླ་སྲོག་བརྟན་པོ། གཤིས་སྤྱོད་ཡ་རབས། བསམ་བློ་གཙང་མ། སྤོབས་པ་མཐོན་པོ། ངའི་རེད་ཁྱོའི་རེད། ང་ཚོ་ཚང་མའི་རེད། RengTsing