Twenty$ - 90s 作词 : Twenty$ 作曲 : 王愚 ༼༩༠ལོ་ཡི་མི་སྣ་སྐུ་ཁམས་བཟང།༽ ༼ངའི་མིང་ལ་སྐལ་བཟང་རྡོར་རྗེ་༽ ༼Twenty$༽ ༼གཞི་ཀ་རྩེ་ནས་ཡོང་བའི་ཨོ་ལོ་གཅིག།༽ ༼སྒོར་མོ་གཅིག།༽ ༼སྤྱི་སྤྱོད་རླངས་འཁོར་ཉི་ཤུ་བསྡད་བྱས་ལས་ཀ་ཕྱིན།༽ ༼ཁ་གསང་པོ།༽༼རིག་པ་གསལ་པོ།༽༼བློ་རྩ་བརྟན་པོ།༽ ༼ཕུགས་བསམ་འདི་སེམས་ནང་བཞག།༽༼ལས་ཀ་བྱས།༽ ༼ཡིན་ན་མིན་ན།༽ ༼འགྲིག་ན་མིན་ན།༽ ༼འབྲེལ་བ་མིན་འདུག།༽ ༼Keep Real འདི་གོམ་སྟབས་གཅིག་དང་གཉིས།༽ ༼རྐང་པ་བརྟན་པོ་འཛུགས།༽ ༼མི་ཆོས་ཀྱི་གནས་ལུགས་འདི་ཀླད་པའི་ནང་བླུགས།༽༼Real Buddha is Mom and Dad ༽ ༼སྐུ་ཁམས་བཟང་བརྩེ་བའི་པ་ལགས་དང་ཨ་མ་ལགས།༽༼ཐག་རིང་པོ་མིན་འདུག།༽༼མིག་མདུན་ཀྱི་ལྷ་།༽ ༼ཁྱེད་གཉིས་ཀྱི་འཛུམས་མདངས་།༽ ༼ཁྱེད་གཉིས་ཀྱི་བྱམས་སྐྱོང་།༽ ༼སུ་གཅིག་ལ་འགྲན་ཟླ་མིན་འདུག།༽ ༼བུ་ངས་སེམས་ནང་བཞག།༽ ༼ཞོགས་པའི་ཉི་གཞོན་ལྟར།༽ ༼ཆར་རླུང་གི་རྗེས་སུ་འཇའ་ཚོན།༽ ༼ལམ་བར་གྱི་ཡུལ་ལྗོངས་འདི་མཉམ་དུ་བལྟས།༽ ༼ཁྱེད་གཉིས་འགྲམ་དུ་བསྡད།༽ ༼དགའ་དུས་ཀྱི་གད་མོ་དང།༽ ༼སྐྱོ་དུས་ཀྱི་མིག་ཆུ་ཡང་མཉམ་དུ་བཏང།༽ ༼མ་འོངས་པའི་མི་ཚེ་འདི་ལག་གདང་བྱས་ཆས།༽ ༼ང་ཚོ་མཉམ་དུ་ཕྱིན།༽ ༼དཀའ་སྡུག་འདི་ག་ཚོད་འཕྲད་ནའི།༽ ༼བུ་ངས་ཁྱད་བསད་བྱས་ནས་མུ་མཐུད་ཕྱིན།༽ ༼ས་ཆ་འདི་གང་དུ་སླེབས་ནའི།༽ ༼སེམས་ནང་གིས་ཡིད་ཆེས་འདི་འགྱུར་བ་མེད།༽ ༼སྙེམས་ཆུང་གིས་ལྟོ་བཟས།༽ ༼སྙེམས་ཆུང་གིས་དབུགས་བཏང།༽ ༼དྲང་པོ་དྲང་བཞག།༽ ༼སྙེམས་ཆུང་གི་བྱེད་སྟངས་འདི་འགྱུར་བ་མེད།༽ ༼སྲོལ་རྒྱུན་གྱི་རིག་གནས་ང་ཚོའི་རྩ་བ།༽ ༼རྒན་བཀུར་གཞོན་གཅེས་འདི་དོར་ཐབས་མེད།༽ ༼འཚོ་བ་འདི་ལག་ཐོགས་ཁ་པར་ཀུ་ཤུ་གཅིག་པོ་མིན།༽ ༼a he...ཀ་ཁ་ནས་ག་ང་ཅ་ཆ་ནས་ཇ་ཉ།༽ ༼སྦྱངས་ཡག་འདི་མང་པོ།༽ ༼དུས་ཚོད་འདི་ཉུང་ཉུང།༽ ༼༩༠ལོ་ཡི་མི་སྣ་ཚོ་རིག་པ་སྒྲིམ།༽ ༼LHA SAནས་RKZ༽༼RKZ ནས་LHA SA༽ ༼རླུང་བུ་བསིལ་བསིལ།༽༼ཆར་པ་སིམ་སིམ།༽ ༼ང་ཚོའི་ཕྱིན་ཟིན་པའི་ལང་འཚོ་འདི་དྲན་གསོ་བྱས།༽ ༼དཀར་ནག་གློག་བརྙན་གྱི་མི་སྣ་འདི་ང་ཚོ་ཆེན་པོ་ཆགས།༽ ༼བསམ་བློ་མང་པོ་བཏང།༽ ༼སྡོམ་རྟགས་དང་འཐེན་རྟགས།༽ ༼འཚོ་བའི་ཁུར་པོ་འདི་འགྱུར་བ་སྤུ་རྩམ་མེད།༽ ༼Respect བྱེད་ཡ་འདི་མང་པོ།༽ ༼དང་པོ་འདི་ཕ་མ།༽ ༼དེ་ནས་དགེ་རྒན་དང་གྲོགས་པོ་ཚོ་བརྗེད་ཐབས་མེད།༽༼ཆུང་དུས་ཀྱི་དུས་ཚོད་ཡོང་མི་སྲིད།༽ ༼རྩེད་མོ་རྩེད་ཡ་མེད།༽ ༼སློབ་གྲའི་གོ་ལོག་འདི་གོན་ཡ་མེད།༽ ༼མཉམ་དུ་འཁྱགས་པ་བྱི་རིལ་འདི་ཟ་ཡ་མེད།༽ ༼e ...དུས་ཚོད་ཀྱི་འཁོར་ལོ་ག་ལེ་ཕེབས།༽ ༼ལང་ཚོ་ཡི་རྦབ་ཆུ།༽༼རྦབ་ཆུ་ཡི་ལང་ཚོ།༽ ༼གཡས་ལམ་དང་གཡོན་ལམ་གདམ་ག་བྱས།༽ ༼དགའ་སྐྱོ་སྡུག་གསུམ་ཀྱི་ཚིག་འདི་གཞས་ནང་བྲིས།༽ ༼མི་ཚེའི་རྐང་ལམ་ཕྲ་མོ་འདི་མུ་མཐུད་ཕྱིན།༽ ༼འཚང་ཁ་ཡང་ཤིག་ཤིག།༽ ༼མིག་ལོག་ཡང་ཚིག་ཚིག།༽ ༼འོན་ཀྱང་Rapperགཅིག་བྱེད་ཡ་བསམ་བློ་འདི།༽ ༼འགྱུར་བ་མེད།༽ ༼ཁ་ཤས་ཀྱི་རྒྱབ་སྐྱོར་དང་ཁ་ཤས་ཀྱི་ཚིག་ཟ།༽ ༼ཡིན་ནའི་Beat འདི་བཏང་དུས།༽ ༼བུ་ངས་མུ་མཐུད་freestyleབྱས།༽ ༼མུ་མཐུད་ནས་མགོ་བཀྱག་བྱས།༽ ༼མུ་མཐུད་ནས་ལག་པ་འདི་གནམ་སྒང་བརྐྱངས།༽ ༼དགའ་ཡ་ལས་ཀ་འདི་མུ་མཐུད་བྱས།༽ ༼མུ་མཐུད་གཞས་མ་གཏམ་འདི་བཏང།༽ ༼མུ་མཐུད།༽༼མུ་མཐུད།༽༼མུ་མཐུད།༽ ༼Wake up ༽༼ལོ་རབས་༩༠ཡི་མི་སྣ།༽