父母-心中的太阳 作词 : གཡུ་ལོ། གཅོད་པ་སྐྱབས། 作曲 : དམངས་ཁྲོད ། དྲིན་ཕ་མ་སེམས་ཀྱི་ཉི་མ། ཨ་ལ་ཡེ། ས་ཐག་རིང་འགྲིམ་པའི་བུ་ཆུང་ང་།། དྲིན་ཆེན་ཕ་མའི་རེ་བ་ཡིན།། ལས་རླུང་རྟ་དར་དུས་ཕ་མ་དྲན།། དྲིན་ཆེན་ཕ་མའི་ཁ་ཏ་དྲན།། དྲིན་ཕ་མ་སེམས་ཀྱི་ཉི་མ་རེད།། བུ་ངའི་བསོད་ནམས་དར་རོགས་ཡིན།། ཨ་ལ་ཡེ། ས་ཐག་རིང་འགྲིམ་པའི་བུ་ཆུང་ང་།། ཕ་མའི་སྙིང་གི་ཕྱེད་ཀ་ཡིན།། རྐྱེན་དཀའ་སྡུག་འཕྲད་དུས་ཕ་མ་དྲན།། དྲིན་ཆེན་ཕ་མའི་ཁ་ཏ་དྲན།། དྲི་ཕ་མ་སེམས་ཀྱི་ཉི་མ་རེད།། བུ་ངའི་དབང་ཐང་དར་རོགས་ཡིན།། ཨ་ལ་ཡེ། ས་ཐག་རིང་འགྲིམ་པའི་བུ་ཆུང་ང་།། ནམ་ཡང་ཕ་མའི་གཅེས་ཕྲུག་ཡིན།། དྲིན་ཕ་མ་སེམས་ནས་མ་བརྗེད་ན།། བུ་ཆུང་བསམ་དོན་ཇེ་འགྲུབ་རེད།། དྲིན་ཕ་མ་བུ་ངའི་ཉི་མ་ཡིན།། མི་འགྱུར་རྡོ་རྗེའི་བྲག་རི་ཡིན།།