[00:00.000] 作词 : 旦正昂加 [00:01.000] 作曲 : 旦正昂加 [00:08.527]ཚིག རྟ་མགྲིན་དབང་རྒྱལ། [00:12.457]དབྱངས། རྟ་མགྲིན་དབང་རྒྱལ། [00:21.337]ལེན་མཁན། རྟ་མགྲིན་དབང་རྒྱལ། [00:38.561] [00:41.399]ཧེ་ བུ་མོ། [00:42.449]སྤྱིར་བརྩེ་དུང་ཟེར་བ་དེ་རྒྱ་སེ་མེ་ཏོག་གི་མཚོན་ནི་རེད་ཟེར་མོད། [00:45.584]ཡིན་ནའང་། [00:46.353]ང་རྩྭ་ཐང་ནས་འཚར་ལོངས་བྱུང་བས་རྐྱེན་གྱིས། [00:48.979]ངས་ཁྱོད་མེ་ཏོག་སེར་ཆེན་ཞིག་གི་བསམ་པས་བཟུང་ཡོད། [00:52.635] [00:53.398]ངས་སེམས་སོང་བུ་མོ་གཞས་ཞིག་ལེན། [00:58.814]གཞས་དེ་རིང་མི་ལེན་ནམ་རེ་ལེན། [01:05.101]ངས་སེམས་སོང་བུ་མོ་བྲོ་ཞིག་འཁྲབ། [01:11.096]བྲོ་དེ་རིང་མི་འཁྲབ་ནམ་རེ་འཁྲབ། [01:17.377]ཁྱོད་དེ་རིང་སྐྱིད་ན་སྐྱིད་གི་ཞིག [01:23.380]ཁྱོད་དེ་རིང་དགའ་ན་དགའ་གི་ཞིག [01:29.687]སྐྱིད་ཟེར་བ་གནས་སྐབས་ཙམ་རེད་མོད། [01:35.683]སྤྱིར་སོ་སའི་སེམས་ལ་རག་ལས་ཡོད། [01:41.689] [02:06.521]ངས་ལུག་ཁྱུ་རི་རྒྱག་བྱས་བཞག་ནས། [02:12.812]ཁྱོའི་ནོར་ཁྱུ་འཚོ་རོགས་བྱེད་འདོད་གི [02:19.105]ངས་མེ་ཏོག་སེར་ཆེན་གཅིག་བཏོག་ནས། [02:25.077]ཁྱོའི་སྐྲ་ནག་ལན་བུ་བརྒྱན་འདོད་གི