嘎萨梅朵永泽 作词 : 索昂拉毛 作曲 : 曲塔 嘎萨梅朵永泽-曲塔 词:索昂拉毛 曲:曲塔 编曲:许文君 བདེ་སྐྱིད་ཕུན་སུམ་ཚོགས་པའི་སྐྱེ་དགུ་དོན་འགྲུབ་ལུང་པ།། སེམས་སུ་རུང་བའི་བུ་མོ་སྒ་བཟའ་མེ་ཏོག་ཡང་མཛེས།། ཞེ་འཇམ་གཤིས་བཟང་ལྡན་པའི་མེ་ཏོག་ཨུཏྤལ་དྲི་ཅན།། སྐྱེ་དགུ་དོན་འགྲུབ་ལུང་པའི་སྒ་བཟའ་མེ་ཏོག་ཡང་མཛེས།།འོ ཞལ་ལུས་སྒེག་ཉམས་ལྡན་པའི་ནམ་མཁའི་ལྷ་མོའི་རྣམ་སྤྲུལ།། སེམས་སུ་རུང་བའི་བུ་མོ་སྒ་བཟའ་མེ་ཏོག་ཡང་མཛེས།། རིག་པའི་དཔལ་ལ་རོལ་བའི་ཤེས་རབ་ལྷ་མོའི་རྒྱུད་འཛིན།། སྐྱེ་དགུ་དོན་འགྲུབ་ལུང་པའི་སྒ་བཟའ་མེ་ཏོག་ཡང་མཛེས།།འོ