思念的泪 作词 : 仁青加 作曲 : 曲塔 དྲན་པའི་མིག་ཆུ། གཞས་གདངས།ཆོས་དར། གཞས་ཚིགརིན་ཆེན་རྒྱལ། གཞས་པ།ཆོས་དར། གཞས་ཚིག་ཡིག་འགོད།འབའ་རེ་རྡོ་ཚེ། ཡ་ཆུང་གི་སེམས་པ་་་་་ཆུ་ཤེལ་གྱི་ཟླ་བ་རེད། དུངས་བའི་སྣང་བ་་་་་བུ་མོའི་སྙིང་ལ་འདྲེས། མཛེས་པའི་བུ་མོ་་་་་་གཏན་གྱི་ཚེ་གྲོགས་རེད། བྱམས་པའི་ཞལ་རས་སྙིང་གི་་་་་་ནོར་བུ་རེད། བརྩེ་བའི་རི་མོ་་་་་་་་་་་་མཚོ་ཁའི་མེ་ཏོག་རེད། གསང་བ་ཡིད་ནས་་་་་་མ་བཞག་ཁྱོད་ལ་གླེང་། འཛོམ་པའི་ཁ་དན་་་་་་་ལོ་དང་ཟླ་བར་གསལ། རང་སེམས་གཙང་མ་མི་འགྱུར་་་་་་་སྙིང་གི་མི། གཞས་ཚིག་ཡིག་འགོད།འབའ་རེ་རྡོ་ཚེ། གཏན་གྱི་འདུན་མ་་་་་་་་རྡོ་རྗེའི་མདུད་པ་རེད། ཁྱེར་རྐྱང་ལོ་ཟླ་་་་་་་་་་་་་སེམས་ཀྱི་ན་ཟུག་རེད། ཁྱོད་རང་དྲན་པའི་་་་་་་བརྩེ་ལན་སུ་ལ་འདྲི། བུ་ཆུང་ང་ཡི་སེམས་པ་་་་་་་་་་་་ཁྱོད་ལ་ཤོར། གཞས་ཚིག་ཡིག་འགོད།འབའ་རེ་རྡོ་ཚེ།