水滴 ཆུ་ཐིགས། ཚིག ཀུན་དགའ་རྣམ་རྒྱལ། གདངས། ཀུན་དགའ་ལྷུན་གྲུབ། རོལ་དབྱངས་བསྒྲིགས་བཟོ། བྱམས་པ་དར་རྒྱས། ལེན་མཁན། བྱམས་པ་དར་རྒྱས། སྲི་མཐར་ཚེ་རིང་། བསྟན་འཛིན་རྡོ་རྗེ། ཆུ་ཐིགས་ས་ལ་འབབ་བྱུང་། ས་གཞིར་སྤང་ལྗོངས་རྒྱས་སོང་། སྦྲང་ཆར་བསིངམ་མའི་དྲིན་གྱིས། ལོ་ཡག་འབྲས་བཟང་སྨིན་སོང་། ཐིགས་པ་བསག་པའི་ཆུ་མོ་། ཆུ་མོ་ཡན་ལག་བརྒྱད་ལྡན། རྟེན་འབྲེལ་བཟང་པོའི་དྲིན་གྱིས། མི་ལུས་རིན་ཆན་ཐོབ་སོང་། ཆུ་མོ་རང་གི་ཆུ་མོ། ཕ་ཡུལ་རང་གི་ཕ་ཡུལ། བུ་ཕྲུག་རང་གི་བུ་ཕྲུག ། རང་ནོར་རང་གི་མ་གཅེས། རང་སྡུག་རང་གི་ཉོས་ཡོང་། ཆུ་མོ་རྒྱག་སའི་ས་ལ། ང་ཚོའི་མི་རྒྱུད་དར་སོང་། ལོ་ཡག་འབྲས་བཟང་སྨིན་པས། དྲིན་ཆེན་ཆུ་མོ་མ་བརྗེད། དྲིན་ཆེན་ཆུ་མོ་མ་བརྗེད། ཆུ་མོ་རང་གི་ཆུ་མོ། ཕ་ཡུལ་རང་གི་ཕ་ཡུལ། བུ་ཕྲུག་རང་གི་བུ་ཕྲུག ། རང་ནོར་རང་གི་མ་གཅེས། རང་སྡུག་རང་གི་ཉོས་ཡོང་། འོ་ཧོ་་་་་་། འོ་ཧོ་་་་་་། འོ་ཧོ་་་་་་། ཆུ་མོའི་ཆུ་མགོ་མ་འཆད། ཆུ་མོ་ཡན་ལག་རྒྱས་ལྡན།