母校 作词 : དབང་གྲགས་ཚེ་རིང་། 作曲 : འཕྲིན་ལས་དར་རྒྱས། 演唱:འཕྲིན་ལས་དར་རྒྱས། མ་ཡུམ་སློབ་གླིང། མ་ཡུམ་སློབ་གླིང་རིག་པའི་གདན་ས། ཤེས་བྱ་ཡོན་ཏན་གཤོག་རྩལ་རྒྱས་ས། རྨོངས་མུན་གསེལ་བའི་འོད་སྣང་འཚེར་ས། གནས་འདིར་ཕེབས་དང་ལོ་ཆུང་གྲོགས་པོ་ཚོ། མ་ཡུམ་སློབ་གླིང་རིགས་ཀྱི་རྒྱུད་འཛིན། ཕ་སྐད་མ་ཡིག་བསྟན་པ་དར་ས། དབྱངས་གསལ་སོ་བཞིའི་ལང་ཚོ་རྒྱས་ས། སློབ་ལ་བརྩོན་དང་ན་གཞོན་ཕོ་མོ་ཚོ། མ་ཡུམ་སློབ་གླིང་བློ་ཡི་བང་མཛོད། རྣམ་དཔྱོད་རྩལ་གྱི་སྒོ་མོ་ཕྱེས། མཚན་ཉིད་རིག་པའི་བརྡར་ཤ་གཅོད་ས། སྐད་ཡིག་སྐྱོངས་དང་རིགས་མཐུན་སྤུན་ཟླ་ཚོ།