ཨ་ལན། Alin 作词 : 宫巴 作曲 : 宫巴 ཡུན་རིང་ནས་དྲན་པའི་མི་དང་ཁ་སང་འཚོ་བའི་ཁ་དོག། དེ་ཚོ་ཡོད་ཚད་བསམ་ནས་རྒྱང་རིང་རྒྱང་རིང་བསྐོར་ནས་ཚུར་ལ་ཡོང་། བར་ཐག་རིང་བཞིན་རིང་ལ་དྲན་པའི་སེམས་ཀྱི་ཕྲེང་བ་དེ་ལས་མང་ལ་གྱུར། བགྲང་ལས་མེད་པ་ཡི་ལོ་དང་ཟླ་བ་མང་པོ་ཞིག་དེ་ཁེར་རྐྱང་ལ་བསྡད། ཡིན་ན་ཡང་གདོང་གི་འཛུམ་དང་སེམས་ཀྱི་དུང་བ་དེ་ཚོ་བརྗེད་ཐབས་མེད། དེ་རིང་དྲན་པའི་ཁྱོད་རང་དེ། ས་གང་ལ་གནས་དང་གང་ཞིག་ལ་འཕྲད་པ་རེད། ཡང་ན་བདག་བཞིན་དུ། སྔར་བཞིན་རང་ལ་འཚོལ་བའི་ལམ་ལ་ཟད། སེམས་ནང་ལས་དྲན་པའི་ཁྱོད་གང་ལ་གནས་དང་གང་དུ་ཡོད། སུན་པ་ཡི་ལས་དེ་ནས་ཐར་འདོད་ནས་ཁྱོད་གམ་ན་བཞུད། ཟོལ་བའི་མི་ཚོགས་མང་པོ། སུན་པའི་འཚོ་བ་དེ་ཚོ། དེ་ལས་ཐར་ནས་ཁྱོད་རང་ལྷན་དུ་སོང་ན་འདོད། སེམས་ནང་ནས་འཁོར་བའི་ཁྱོད་གང་ལ་གནས་དང་གང་དུ་ཡོད། སུན་པ་ཡི་འཁོར་བའི་ཁྲོད་ནས་ཐར་འདོད་བས། ཁྱོད་གང་དུ་ཡོད། ཁྱོད་གང་ན་ཡོད། ང་རང་ཟང་ཟིང་གི་གྲོང་པ་དེ་དང་བྲལ་ལ་འདོད་ནས་སེམས་ཐག་རང་བཅད་པས། ལྟོས་དང་སྟུང་སེམས་དེ་དང་ཤོར་བའི་ལང་ཚོ་དེ་དག་རྫོགས་པ་རེད། སེམས་ནས་བརྩེ་བའི། ཁྱོད་རང་ཡང་ས་གང་དུ་གནས་དང་བདེ་སྡུག་གང་ཡང་མ་ཤེས། སྐམ་པའི་ཆུ་བཞིན་དུ་དྲན་པའི་མིག་ཆུ་སེམས་ནང་ནས་ཡོངས་སུ་ཟད། ང་རང་ཁྱོད་ཀྱིས་ཨ་ལན་བསམ་ནས་རྒྱང་རིང་རྒྱང་ནས་ཚུར་ལ་ཡོང་། དྲན་པའི་ཨ་ལོང་ནང་ནས་བསམ་གཞིགས་དྲན་གཞི་དེ་ཚོ་ཚང་མ་ཁྱོད། སེམས་ནང་ནས་འཁོར་བའི་ཁྱོད་གང་ལ་གནས་དང་གང་དུ་ཡོད། སུན་པ་ཡི་འཁོར་བའི་ཁྲོད་ཐར་འདོད་ནས་ཁྱོད་གམ་དུ་བཞུད། ཟོལ་བའི་མི་ཚོགས་མང་པོ། སུན་པའི་འཚོ་བ་དེ་ཚོ། དེ་ལས་ཐར་ནས་ཁྱོད་རང་ལྷན་དུ་སོང་ན་འདོད། སེམས་ནང་ནས་འཁོར་བའི་ཁྱོད་གང་ལ་གནས་དང་གང་དུ་ཡོད། སུན་པ་ཡི་འཁོར་བའི་ཁྲོད་ནས་ཐར་འདོད་བས། ཁྱོད་གང་དུ་ཡོད། ཁྱོད་གང་ན་ཡོད། WIND-FIRE MUSIC 混音:俄金朋措 混音室:WIND FIRE MUSIC 母带:Alan Zhu/ FOR EAR STUDIO 录音:俄金朋措/旦增次旺 录音室:WIND FIRE MUSIC 出品:成都风与火文化传播有限公司