吉祥三聚 作词 : 向巴多吉 作曲 : 智王桑珠 སྔོ་ཐིང་ཐིང་གི་ནམ་མཁའ བརྗིད་ཐིག་ཐིག་གི་གངས་རི ཡངས་ཤིག་ཤིག་གི་རྩྭ་ཐང དྲི་ཞིམ་ཞིམ་གྱི་མེ་ཏོག ང་ཚོའི་ཕ་ས་རེད ང་ཚོའི་རེ་བ་རེད ང་ཚོའི་ཕ་ས་རེད ང་ཚོའི་རེ་བ་རེད ཕ་ཡུལ་ཡར་དར་ཡོང་བའི་བཀྲིས་ཤོག དགོད་འཛུམ་འཛུམ་གྱི་ཞལ་རས དྲང་ཤིག་ཤིག་གི་གཤིས་ཀ གྱ་འགྱུར་མེད་པའི་སྙིང་སྟོབས ཡ་ཡོ་མེད་པའི་སེམས་པ ང་ཚོའི་སྤུན་ཟླ་རེད ང་ཚོའི་སྤོབས་པ་རེད ང་ཚོའི་སྤུན་ཟླ་རེད ང་ཚོའི་སྤོབས་པ་རེད སྤུན་ཟླ་མཉམ་འཛོམས་ཡོང་བའི་བཀྲིས་ཤོག ང་ཚོའི་ཕ་ནོར་རེད ང་ཚོའི་འགན་འཁྲི་རེད ང་ཚོའི་ཕ་ནོར་རེད ང་ཚོའི་འགན་འཁྲི་རེད འཛམ་གླིང་ཞི་བདེ་ཡོང་བའི་བཀྲིས་ཤོག ང་ཚོའི་ཕ་ནོར་རེད ང་ཚོའི་ཕ་ནོར་རེད ང་ཚོའི་འགན་འཁྲི་རེད ང་ཚོའི་འགན་འཁྲི་རེད འཛམ་གླིང་བཞི་བདེ་ཡོང་བའི་བཀྲིས་ཤོག འཛམ་གླིང་བཞི་བདེ་ཡོང་བའི་བཀྲིས་ཤོག