ALALAMO 作词 : 尖参 (Jason j) 作曲 : 索扎 ཨ་ལ་ལ་མོ། ང་དང་ང་འདྲ་བའི་ཁོ་ཡི་ཁ་ནས་ཐོས་པའི་ཕུགས་བསམ་ཟེར་བ་ཞིག་གི་ཆེད་དུ། འབད་བརྩོན་བྱེད་བཞིན་པའི་ན་ཟླ་ཚོ། ད་ནི་བླངས་བའི་གླུ་གཞས་འདི་ནི་ཁྱེད་དང་ང་ཡི་ལང་ཚོའི་ཆེད། དགའ་མྱོང་། སྡུག་མྱོང་། མཐའ་ན་ངུ་ཡང་མྱོང་། འོན་ཀྱང་སེམས་ནང་གི་ལམ་དེའི་ཆེད་དུ། ཡིད་སེམས་ཕམ་མ་མྱོང་། མགོ་བོ་སྒུར་མ་མྱོང་། ཁོ་བོས་བཤད་རྒྱུར་ལྷམ་དེ་ཆེ་སོང་རྐང་པ་ཆུང་སོང་ཟེར། ཁོ་མོས་བཤད་རྒྱུར་མཐོང་མི་ཐུབ་པའི་སང་ཉིན་ཞིག་ལ་རེ་སྒུག་མི་བྱེད་ཟེར། ལོས་ཆོག། ད་ནི་ང་རང་གཅིག་པུར་འགྲོ། ང་རང་འགྲོ་སྲིད་པའི་ལམ་དེ་ཁྱོད་ཀྱིས་དྲན་ཡང་མི་ནུས། ང་རང་རྗེས་འདེད་པའི་བོང་བུ་ཞིག་དང་ཁ་ཉན་པའི་སྒོ་ཁྱི་ལྟར་དུ་འདུག་མི་སྲིད། ང་རང་གཤོག་པ་ཡོད་ཀྱང་གཟེབ་ཏུ་ཚུད་པའི་བྱིའུ་ལྟར་དུ་འདུག་མི་སྲིད། ཨ་ཕའི་རེ་བ་བཅངས་པའི་སྐྱེས་བུ་དེའི་ཆེད་མགོ་བོ་ནམ་ཡང་བསྒུར་མི་སྲིད། ཨ་ལ་ལ་མོ་ཟེར་བ་ཨ་ལ་ལེན། ཐ་ལ་ལ་མོ་ཟེར་བ་ཐ་ལ་ལེན། ཨ་ལ་ལ་མོ་ཟེར་བ་ཨ་ལ་ལེན། ཐ་ལ་ལ་མོ། གླུ་ཨ་ལ་ལ་མོ་ཟེར་བ་ཨ་ལ་ལེན། འདི་ན་བཞུགས་པའི་བོད་པའི་སྤུན་ཟླ་དང་མིང་སྲིང་ཚོ། མིག་གིས་མདུན་ལ་ལྟོས་དང་ལག་པ་ཡར་ལ་ཁྱོགས། བཤད་འདོད་པའི་སྐད་ཆ་དེ་དག་ཁྱེད་ཀྱིས་ཉོན་དང་ང་ཡིས་ལེན། ང་ཚོ་ནི་རིགས་རྒྱུད་གཅིག་ལས་ཆད་པའི་གདུང་རྒྱུད་ཡིན། མེས་པོའི་ཤུལ་བཞག་རྒྱུད་འཛིན་མཁན་དང་ཕ་མའི་མ་འོངས་པའི་རེ་བ་ཡིན། མེས་པོའི་ཤུལ་བཞག། ཕ་མའི་རེ་བ། དེ་དང་དེའི་ཆེད་མདུན་བསྐྱོད་ཀྱི་གོམ་པ་ནམ་ཡང་རྒྱུན་མ་ཆད། ཁོ་ནི་ཨ་མདོ་རེད། ང་ནི་ཁམས་པ་རེད། མོ་ནི་དབུས་གཙང་རེད། མ་རེད་མ་རེད་ང་ཚོ་ཚང་མ་ཁྱིམ་ཚང་གཅིག་པ་རེད། ཤ་དང་ཁྲག་གི་འབྲེལ་བ་མེད་ཀྱང་མེས་པོ་གཅིག་གི་རྒྱུད་འཛིན་ཡིན། སེམས་པ་དང་སེམས་པ་སྦྲེལ་ནས། ལག་པ་དང་ལག་པ་འཇུས་ནས། མཐུན་སྒྲིལ་གྱི་ཨ་ལོང་ཆད་དུ་མ་འཇུག ཞུམ་མེད་ཀྱི་སྤོབས་པ་ཉམས་ཀྱི་མ་འཇུག། ཨ་ལ་ལ་མོ་ཟེར་བ་ཨ་ལ་ལེན། ཐ་ལ་ལ་མོ་ཟེར་བ་ཐ་ལ་ལེན། ཨ་ལ་ལ་མོ་ཟེར་བ་ཨ་ལ་ལེན། ཐ་ལ་ལ་མོ། གླུ་ཨ་ལ་ལ་མོ་ཟེར་བ་ཨ་ལ་ལེན། རྦབ་ཆུ་བཞིན་གྱི་ལང་ཚོའི་རྣམ་པ་དེ་ངས་མ་མཐོང་། དྲག་ཏུ་མཆོང་ལྡིང་བྱེད་བཞིན་པའི་སྙིང་དེ་ངས་མ་མཐོང་། ངས་ད་དུང་རང་ལ་བཤད་རྒྱུར་ངའི་ཨ་ཕའི་ཕོར་པ་གཙང་མ་ཡིན། མིན། ད་ནི་རང་ཉིད་ནས་འགོ་བརྩམས་ཏེ་ལམ་ལ་ཆས། ན་ཟླ་ཚོ་། འོད་དུ་འཚེར་བའི་མེས་པོའི་གཟི་བརྗིད་ལེགས་པོར་གཅེས། རབ་ཏུ་མཛེས་པའི་ཤུལ་བཞག་རིག་གནས་ཧུར་ཀྱིས་སྦྱོངས། ཁོ་བོས་བླངས་པའི་སྙིང་གཏམ་དམར་པོ་དེ་རྣ་བས་ཉན་ཏེ་སེམས་ལ་ཉོར་དང་། དེ་རིང་དུས་ཀྱི་ཉིན་མོ་འདི་ལ་ཁྱེད་ལྷན་རྒྱས་ཡོངས་ལ་བཀྲ་ཤིས་བདེ་ལེགས། བོད་ཁ་བ་ཅན་ལ་རླུང་རྟ་ཡར་འགྲོ། ཀི་ཀི་བསྭ་བསྭ། ལྷ་རྒྱལ་ལོ། རི་མཐོན་པོའི་མགོ་ནས་བསང་ཞིག་ཕུལ། འདི་ཁྲོམ་པའི་གྲལ་ནས་གླུ་ཞིག་ལེན། གླུ་ཨ་ལ་ལ་མོ་ཨ་ལ་ལེན། ཐ་ལ་ལ་མོ་ཐ་ལ་ལེན། Singing with me ཡེ་ཡེ་ ཨ་ལ་ལ་མོ་ཨ་ལ་ལེན། ཐ་ལ་ལ་མོ་ཐ་ལ་ལེན། གླུ་ཨ་ལ་ལ་མོ་ཨ་ལ་ལེན།