系在韵律上的爱《2》 གནམ་འཁོར་ལོ་རྩིབས་བརྒྱད་འོག་གི། ས་པད་མ་འདབ་བརྒྱད་སྟེང་གི། སྦྲ་རོག་རོག་ཅན་གི་རི་སྡེ།། སྡེ་ཁྲ་ཁྲ་གཉིས་ཀྱི་གཞི་རེད།། སྡེ་འདི་ཡི་ལོ་རྒྱུས་མི་བཤད།། རི་འདི་ཡི་མཆེད་ཁོངས་མི་གླེང་།། ངས་བལྟས་བལྟས་མིག་གི་རིག་ནོ།། ངས་ཉན་ཉན་རྣ་ཡིས་གོ་ནོ།། སྡེ་མ་རེད་སྡེ་བའི་མི་རེད།། མི་དེ་ཚོ་གྲལ་གྱི་གཅིག་གོ། མ་ཚེ་རིང་མེ་ཏོག་མ་གཏོགས།། ངའི་སེམས་ལ་ཐོགས་ནི་གཅིག་མེད།། ལས་བསོད་ནམས་ཅན་གྱི་བུ་མོ།། ལུས་གདན་ཐོག་གཅིག་ལ་འཛོམས་ནས།། མགོ་སྙེས་ཐོག་གཅིག་ལ་བཀལ་རུང་།། སེམས་ཁོ་ཐག་བཅད་ལས་འདུག་འདོད།། རོགས་འདི་ལ་འགྲོགས་རེ་ཐུབ་ན།། ཚེ་འདི་ཡི་སྨོན་ལམ་མེད་རུང་།། ཚེ་ཕྱི་མ་ཡིན་རུང་སྒུག་ནས།། ཁྱིམ་གཅིག་གི་སྨོན་ལམ་བཏབ་ཡོད།། བྱ་ལམ་མ་ལམ་ནས་བུད་ཐལ།། ལས་བསོད་ནམས་ལམ་ནས་འགྲིག་ཐལ།། ངའི་འདོད་ཐོག་རྟ་བོ་རྒྱུག་ནས།། མ་མེ་ཏོག་ང་སར་འཁོར་ཐལ།། སེམས་བསམ་པ་འོ་མ་འདྲ་བོ།། ཞེ་སྣང་བ་ཆུ་མིག་དྭངས་མོ།། འདི་གཉིས་ཀ་གཅིག་ལ་འདྲེས་ནས།། ངེད་གཉིས་ཀ་སྣང་བ་མཐུན་ཐལ།། ཐང་བདེ་མོ་ཐད་ཀྱིས་བཅད་ལས།། རི་མཐོན་པོའི་རྩེ་མོར་འགོས་ནས།། ལུག་ཚེར་མོ་མཉམ་གྱིས་འཚོས་ནས།། གླུ་ལ་གཞས་སེམས་ཀྱིས་བླངས་ནས།། སྐྱིད་ཚེ་ཐོག་འདི་ནས་བརྒྱབ་ནས།། ཁྱིམ་གཅིག་གི་སྨོན་ལམ་བཏབ་ཡོད།། སྐྱིད་ཚེ་ཐོག་འདི་ནས་བརྒྱབ་ནས།། ཁྱིམ་གཅིག་གི་སྨོན་ལམ་བཏབ་ཡོད།།